Ruebi Nyaka Phushey (རུད་པའི་ཉ་ཀ་ཕུ་ཤེས)

Published In: 2018
ISBN: 978-99980-822-0-5
Category:
No. of Pages: 117
Nu. 300.00

* Available in (book stores)

Pe Khang Books,

Book Overview

༉ དུས་རབ་༡༩་པའི་ནང་ལུ་ དབང་འདུས་ཆ་འོག་ རུད་པའི་ས་ལུ་ ཕམ་རབ་ཆད་སོང་པའི་ ཟླཝ་བུཚ་ ཉ་ཀ་ཕུ་ཤེས་ ཟེར་མི་གཅིག་ ཟ་གེ་ཟེརནི་ ལྟོ་མེད་ གྱོན་གེ་ཟེརནི་ གོ་མེད་པ་ ཨ་རྟག་ར་ གཡུས་བཤལ་ཏེ་ ལྷང་ལྷང་ཡི་སྡོད་མི་གཅིག་ཡོདཔ་མས། ཚར་གཅིག་ དབང་འདུས་ ཚེས་བཅུའི་ སྐབས་ རོགས་ག་ཡང་མ་ལོངསམ་ལས་ ཁོ་དྲོ་པ་ཧ་སག་སྟེ་ མགྱོགས་པར་ སོང་སྟེ་ རྫོང་གི་ ཤ་མར་ནང་ལུ་ འཛེགས་ཏེ་ ལྟདམོ་བལྟ་ནི་འབད་སྡོད་སྡོད་མས། ཁོ་ལྟདམོ་ བལྟ་སྟེ་སྡོད་པའི་སྐབས་ལུ་ གཟིགས་རས་ནང་ལུ་ རྫོང་དཔོན་དང་མགྲོན་གཉེར་གྱི་སྲས་ཚུ་ ཝང་སི་སི་ཕྱུགམོ་གི་ བུམོ་གི་སྐོར་ལས་ ལོ་རྒྱུས་སླབ་སྟེ་ བསྟུན་གྲོས་འབད་ས་ མཐོང་པའི་བཤུལ་ལུ་ ཉ་ཀ་ཕུ་ཤེས་ཀྱི་ ཐབས་ཤེས་གནས་སྐབས་བཏོན་ཏེ་ ཁོང་དང་ རྒྱལ་སྤུང་ ལྟོ་ཚང་བསྡོམས་ དེ་ལས་ཁོ་དྲགས་ཤོས་ ཨིནམ་བཟོ་ སྲས་ཚུ་ བྱ་རོགས་ཨིནམ་བཟོ་སྟེ་ ཝང་སི་སི་ནང་ལུ་སོང་སྟེ་ ཝང་སི་སི་ཕྱུགམོ་གི་ བུམོ་དང་ ཉ་ཕུ་ཤེས་ གཉེན་རྐྱབ་ཨིན། ཨིན་རུང་ ཁོང་ར་ལྟོ་ཚང་ཚུ་ ལོག་འོང་པའི་སྐབས་ སྲས་ཚུ་གི་ ཧིང་གྲམ་བཞག་སྟེ་ རྒྱལ་ཡང་སྤྲོད་མ་བཏུབ་པའི་ཁ རྦོབ་ཡང་ ཕྱེ་ཐག་ཐག་བརྡུང་འབད་ བཞགཔ་ལས་ ཉ་ཀ་ཕུ་ཤེས་ ལོག་སྟེ་ སི་སི་ནང་ལུ་ ལོག་མ་ཚུགས་ པར་ ཁོ་རའི་ སུ་མའི་སྦ་སྒོ་ འདི་ནང་སྡོད་དེ་ ཟླཝ་ལངས་མ་ལངས་ ཅིག་ལས་ སི་སི་ཕྱུགམོ་གི་བུམོ་ ཉ་ཀ་ཕུ་ཤེས་འཚོལ་བར་ འོང་སྟེ་ལོག་ ཝང་ལུ་འཁྱིདཔ་ཨིན། དེ་ལས་ ཉ་ཀ་ཕུ་ཤེས་ བོད་ལུ་ ཚོང་རྐྱབ་པར་ སོང་སྟེ་ ལོག་ནི་མེད་པར་ ལོ་མང་རབ་ཅིག་ལྷག་པའི་བཤུལ་ལུ་ སི་སི་ཕྱུགམོ་གི་བུམོ་ ཨ་ལུ་སྐྱེས་ནི་འབད་དེ་ཟླཝ་༦་ལངས་སོངམ་ལས་ ཉ་ཀ་ཕུ་ཤེས་ལོག་འོང་པའི་བསྒང་ལས་ཨ་ལུའི་ཨ་པའི ་སྐོར་ལས་མ་སྒྲིག་པར་ བསྟབས་མ་བདེཝ་ འཐོན་པའི་བཤུལ་ ཧ་ལེགས་སི་སི་འབད་ ཨ་ལུའི་ཨ་པ་འདི་ ཉ་ཀ་ཕུ་ཤེས་ཁོ་རང་ ཨིན་པའི་ ར་ཁུངས་ བསྐྱེལཝ་ལས་ ག་ར་ཧ་ལེགས་པའི་བཤུལ་ལུ་ དགའ་སྤྲོ་བསྒྱུར་ཏེ་མཇུག་བསྡུཝ་ཨིན། The story of Rubi Nyaka Phushey is about an orphan boy from Shar Rubesa, who keeps his promise with the three sons of Wandgue Dzongpon, Dronyer and the Gorap. But to their dismay, Sisi Bum falls in love with Nyaka Phushey which creates jealousy and grudges between Nyaka Phushey and the three sons. They take revenge on him and abandon’s him but it further makes the love relation much stronger between the duos. Nyaka Phushey, the orphan and a wanderer becomes popular and famous not only in the valley of wang but he becomes a country’s business representatives at Lhasa in Tibet too. When he was away on his business mission in Tibet, Sisi Bum gets impregnated back home after almost more than a year of their departure. She is almost 7 months pregnant when he returns after 18 months. Thus he demands for a divorce asking the father of the bastard. Amazingly Sisi Bumo proves Nyaka Phushey himself as the father of the baby in her womb. Everyone in the appreciates her loyal fullness and leads happy life thereafter. This book is written as a movie/film script and also published as a book too.

Write a Review



Customer Reviews (0)

No reviews yet for this book.