Pema Wangchuk


སྲུང་དེབ་ཀྱི་རྩོམ་པ་པོ་ རྫོང་ཁག་བཀྲ་ཤིས་སྒང་ རྒེད་འོག་ར་སྡི་ གཡུས་ཏོག་ཤིང་མང་ལས་ཨིན་མི་ པད་མ་དབང་ཕྱུག་ ཟེར་མི་འདི་སྤྱི་ལོ་ ༢༠༢༡ ལུ་ སློབ་ཚན་སྐད་ཡིག་དང་རྩོམ་རིག་གི་གཙུག་ལག་གཞི་རིམ་སྦྱངས་ཏེ་ རིག་གཞུང་མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་ཡོདཔ་ཨིན། ཁོ་ར་རྫོང་ཁ་གོང་འཕེལ་གཏང་ནི་ལུ་གཙོ་བོར་བཏོན་མི་ཅིག་འབདཝ་ལས་ སྤྱི་ལོ་ ༢༠༢༢ ལུ་ཁོ་རའི་སྲུང་དེབ་དང་པ་ གསང་བའི་ན་ཟུག་ཟེར་མི་འདི་བྲིས་ཏེ་ཡོདཔ་ཨིན།