Book Overview
Tittle of the Book: The Choice
Languages: Dzongkha
Genre: Romance Novel
Total Number of Pages: 119
The young school girl was forced to have sexual intercourse with her stepfather after he was fully drunk by alcohol. She fails to share this incident with her loving boyfriend, thinking that he may break the relationship which they have promised to stay forever. When the family knew she was pregnant, she was forced by her brother to get married to a stranger who she hadn’t seen him before. At that time, she was struck to make a perfect choice with whom to stay. If she makes a choice with a stranger, his character will be rebuilt when he hears she is already pregnant. If she makes a choice to be with her boyfriend, he will go to school and he needs to listen to the voice of his family. The father of the baby is her stepfather, which would be shameful to be rid of her own mother.
She is in the middle of the path, not knowing how to choose the right person in her life. Every path she is choosing has a great impact on her, which makes it difficult for her to live in this world. She thinks of being alone, but it is difficult for a single mother to raise the world with a child.
Now, think what will be your choice if you were in in the shoes of this situation. The novel “CHOICE” will let you know her choice in this situation. The story was mixed with nonfiction and fiction to achieve reader enthusiasm. This will also help the younger generation to learn more about literature, and also to promote the culture and national languages of Bhutan
གདམ་ཁ།
ཡོན་ཏན་ཁོག་ནང་སྦྱང་བརྩོན་འབད་མི་ ལུས་སྨན་ཤར་ལུ་སྐྱེས་བ་ལེན་མི་ ན་གཞོན་གཅིག་ ཁྱོད་ ཨིནམ་འབད་ཆགས་བཞག་པའི་ཁར་ ཡོན་ཏན་སློབ་སྦྱོང་འབད་བའི་དུས་ལུ་ ཁྱོད་ཀྱིས་སེམས་ལུ་དགའ་བ་དང་ སེམས་ཀྱི་གདིང་ལས་ཕངས་མི་ བློ་གཏད་ཧིང་གཏད་ཀྱིས་དགའ་མཐུནམ་གཅིག་ཡང་ ཡོདཔ་འབད་ཆགས་བཞག་གེ། དེ་མ་ཚད་ ལོ་ན་ཆུང་ཀུའི་དུས་ལས་ དྲིན་ཆེན་གྱི་ཨ་པ་ཚེ་ལས་འདས་ཏེ་ ཨའི་གི་ཨ་ཁུ་འཚུལ་ཞིནམ་ལས་ མཉམ་དུ་སྡོད་ཡོདཔ་འབད་ཆགས་བཞག་ཞིནམ་ལས་ ལོ་རྒྱུས་ཅིག་ཤོག་ཀུ་དཀར་པའི་ལྟག་ལུ་ ཁ་དོག་གནགཔོ་ཅིག་བཀལ་པ་ཅིན།
ཁྱོད་ཀྱིས་སེམས་ལུ་ དགའ་སྐྱིད་སྤྲོ་གསུམ་གྱི་རྩ་བ་ཤེས་རིག་ཡོན་ཏན་ཨིནམ་ཤེས་ཏེ་ ཡོན་ཏན་སློབ་སྦྱོང་འབད་བའི་དུས་ལུ་ ལོ་ན་མ་སྨིན་ལས་ ཨ་ཁུ་གིས་དབང་བརྩོང་གི་ཐོག་ལས་ལུས་འབྲེལ་འབད་དེ་ སེམས་ལུ་སྡུག་བསྔལ་བྱིན་ཡོདཔ་མ་ཚད་ ལུས་མ་མདེ་བའི་དཀའ་སྡུག་མྱོང་སྟེ་སྡོད་ད་ བུ་སྤུན་གྱིས་ཤེས་ཏེ་ ཁྱིམ་ཚང་ཚུ་གིས་ཧ་གོ་བ་ཅིན་ བློ་བརྩོང་བ་ཚོང་དཔོན་མི་གོ་ཟེར་ ཁྱོད་རའི་སེམས་ལུ་དབང་ཚེ་མེད་པ་ ཁོ་གིས་ཆོས་གྲོགས་དང་མཉམ་གཉེན་འབྱོར་འབད་བཅུ་ནུག།
དེ་བསྒང་ལསན་ མིག་ལས་མིག་ཆུ་ཤོར་ཏེ་ སློབ་གྲྭ་ནང་ལས་དགོངསམ་ཞུ་འབད་བའི་ཤུལ་ལུ་ སེམས་ལུ་སྡུག་བསྔལ་མྱོང་ནི་མ་གཏོགས་བདེ་བ་མེད་དེ་འབད་རུང་ ཁྱོད་ཀྱིས་སེམས་ལུ་ གདམ་ཁ་གསུམ་མནོ་བའི་རྟིང་ལུ་འགྱུར་ཏེ་སྡོད་འོང་། དང་པ་ བུ་སྤུན་གྱིས་སླབ་པའི་ཁ་ལུ་ཉན་ཏེ་ གཉེན་འབྱོར་པ་ཅིན་ ངོ་ཤེས་དང་འབྲེལ་བ་མེད་པར་ ཨ་ལུ་གིས་ཨ་པ་ ང་ཨིན་ ཟེར་ ཁ་མཟེད་འོང་ག། ཟེར་བའི་ཚ་གྱང་དང་ ཁྱོད་ལུ་གདིང་ལས་དགའ་མི་བཀོག་བཞག་སྟེ་ ཁྱོད་ཀྱི་གཉེན་འབྱོར་འབད་ཚུགས་ག་ཟེར་བའི་ ཚ་གྱང་ཡོད། གཉིས་པ་ ཨ་ལུའི་ཨ་པ་དང་མཉམ་ གཉེན་འབྱོར་པ་ཅིན་ ཁྱོད་རའི་ཨ་ཁུ་ཨིནམ་ལས་ ལས་ཀྱིས་རྣམ་པར་མ་དག་ལས་ གཉེན་འབྱོར་མི་བཏུབ། གསུམ་པ་ ཁྱོད་རའི་དགའཝ་མཐུན་དང་མཉམ་ཅིག་སྡོད་པ་ཅིན་ ཁྱོད་གཟུགས་མ་བདེཝ་ཡོདཔ་ཨིན་ཤེས་བའི་བསྒང་ལསན་ དམ་ཚིག་མེད་པའི་བུམོ་ཨིན་མས་མནོ་ཏེ་ ཁྱོད་དང་མཉམ་ཅིག་ སྡོད་མ་བཏུབ་པའི་ཁར་ ཁོ་ཡང་ ལོ་ན་ཆུང་ཀུ་འབདཝ་ལས་ ཤེས་རིག་ཡོན་ཏན་ལུ་དམིགས་པ་བཀལ་ཏེ་སྡོད་འོང་།
མཐའན་འཇུག་ལུ་ ག་སྟེ་འགྱོ་ན་མ་ཤེས་པར་ལམ་རྒྱ་གྲམ་སྦུག་ལུ་ ཁྱོད་ར་རྐྱངམ་ཅིག་སྡོད་དེ་ ཁྱོད་རའི་ཨ་ལུ་གིས་ ཨ་པ་ ཟེར་འབོ་ནི་མེད་པའི་བསྒང་ལས་ སྡུག་བསྔལ་གྱི་དབང་ལུ་མི་ཚེ་རྫོགས་ནི་མ་གཏོགས་ རང་གིས་མནོ་དོ་བཟུམ་མའི་བསམ་དོན་གྲུབ་མི་ཚུགས།
འ་ནི་བཟུམ་མའི་གནས་སྟངས་འདི་ ཁྱོད་ཀྱི་མི་ཚེ་ནང་ལུ་འབྱུང་བ་ཅིན་ ཁྱོད་ཀྱི་གདམ་ཁ་འདི་ག་དེ་རྐྱབ་ནི་སྨོ།
གལ་སྲིད་ མོ་གིས་གདམ་ཁ་འདི་ག་དེ་རྐྱབ་རྐྱམ་ཨིན་ན་ ཤེས་དགོ་མནོ་བའི་རེ་འདོད་ཡོད་པ་ཅིན་ སྲུང་དེབ་ གདམ་ཁ་ ཟེར་མི་འདི་ གསར་རྩོམ་འབད་ཡོདཔ་ལས་ འབྲུག་མི་ཡོངས་ཀྱིས་ འབྲུག་པའི་སྲུང་དེབ་ལྷབ་ནི་ལུ་ སྤྲོ་བ་བསྐྱེད་གནང་ཟེར་ཞུ་ནི་ཨིན་ལགས།
སྲུང་དེབ་འདི་ནང་ གཏང་ཡིག། བློ་ཟེ། རྩང་མོ། རྩོམ། ཞབས་བྲོ། གསལ་བཤད། ཞུ་ཚིག་དང་གན་ཡིག་ལ་སོགས་པ་ཚུ་ དགའ་སྐྱོའི་སྲུང་གི་ཐོག་ལས་ འབྲི་ཡོད་མི་འདི་གིས་ ན་གཞོན་སློབ་ཕྲུག་ཡོངས་ལུ་ ཕན་ཐོག་པའི་ཁར་ ལམ་སྟོན་འབད་ཚུགས་བའི་སྲུང་དེབ་ཅིག་ཨིན། དེ་མ་ཚད་ དཔལ་ལྡན་འབྲུག་པའི་ལས་སྲོལ་དང་ འབྲུག་མི་ཡོངས་ཀྱིས་ རྒྱལ་ཡོངས་ཁ་སྐད་རྫོང་ཁ་འདི་ ཡར་རྒྱས་དང་ཉེན་སྲུང་ ང་བཅས་ཚུ་གི་འབད་གེ།