Gawa དགའ་བ།

Published In: 2023
ISBN: 978-99980-59-77-1
Category:
No. of Pages: 87

Book Overview

དགའ་བ། 𝐆𝐚𝐰𝐚 : This year to commemorate the 60th Birth Anniversary of Her Majesty Gyalyum Sangay Choden Wangchuck, He have published his Dzongkha Novel titled "Gawa" as a tribute to Her Majesty and as a simple gesture of gratitude to our (Triple Gem) Wangchuck Dynasty for their legacy.  Moreover, he have written that Book mainly to promote our National Language and to enhance Dzongkha Literature knowledge for himself. ༉ རང་གི་རྒྱུད་ལུ་ རྫོང་ཁའི་རྩོམ་རིག་དང་འབྲེལ་བའི་ཤེས་ཡོན་ཡར་རྒྱས་གཏང་ཐབས་དང་ ལྷག་པར་དུ་ ང་བཅས་རའི་རྒྱལ་ཁབ་ཀྱི་རིག་གཞུང་དང་ མི་རིགས་ཀྱི་ངོ་རྟགས་མཚོན་མི་ ཐུན་མོང་མ་ཡིན་པའི་འབྲུག་པའི་སྐད་ཡིག་རྫོང་ཁ་ལུ་ སྤྲོ་བ་དང་དག་སྣང་བསྐྱེད་དེ་ རྒྱལ་ཡོངས་སྐད་ཡིག་མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་ཀྱི་དོན་ལུ་དམིགས་ཏེ་ དུས་ཅི་ མི་དབང་རྒྱལ་ཡུམ་ཨ་ཞེ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་ དགུང་ལོ་ ༦༠ བཞེས་པའི་འཁྲུངས་སྐར་དུས་སྟོན་བརྩི་སྲུང་ཞུཝ་དང་འབྲེལ་ འབྲུག་མི་ཡོངས་ཀྱི་སྤྱི་མཐུན་བསོད་ནམས་ཀྱི་ཞིང་ལུ་བྱོན་པའི་ སྤྱི་ནོར་དམ་པ་ ༧ དཔལ་མི་དབང་མངའ་བདག་རིམ་བྱོན་རྣམས་ཀྱིས་ རྒྱལ་ཁབ་ཀྱི་རང་བཙན་དང་ ན་གཞོན་ཚུ་གི་མ་འོངས་པའི་མཐའ་དོན་ལུ་ ཐུགས་ཀྱི་བརྩེ་བ་གཟིགས་ཏེ་ ཤེས་ཡོན་སྟོང་པ་གནང་མི་ལུ་ སྒོ་གསུམ་གུས་པའི་སྒོ་ལས་ བཀའ་དྲིན་རྗེས་སུ་དྲན་ཐབས་ལུ་དམིགས་ཏེ་ དགའ་བ་ཟེར་བའི་སྲུང་རྩོམ་འདི་ རྩོམ་བསྒྲིགས་འབད་ཡོདཔ་ཨིན།  སྲུང་རྩོམ་འདི་ གཞི་ངོ་མ་ ཕོ་མོ་དགའ་བའི་བརྩེ་གདུང་ལུ་བཞག་ཡོད་རུང་ སྲུང་རྩོམ་འདི་གི་བརྗོད་དོན་ འབྲུག་པའི་མི་སེར་ག་ར་དང་འབྲེལ་བ་ཡོད་པའི་གུར་ ལྷག་པར་དུ་ ན་གཞོན་སློབ་ཕྲུག་ཚུ་དང་འབྲེལ་བ་སྦོམ་ཡོདཔ་ཨིན། དེ་མ་ཚད་ བརྗོད་དོན་ཚུ་ཡང་ ཐད་ཁར་དུ་སྟོན་ཚུགས་མི་དང་ བསྐོར་ཏེ་ཧ་གོ་དགོཔ་སྦེ་ དབྱེ་བ་གཉིས་སྦེ་ཕྱེ་སྟེ་བྲིས་ཡོད་པའི་ཁར་ སྲུང་རྩོམ་འདི་ འགོ་ལས་མཇུག་ཚུན་ ལེགས་ཤོམ་སྦེ་དབྱེ་བ་དཔྱད་དེ་ལྷག་པ་ཅིན་ སྲུང་རྩོམ་འདི་ རྒས་གཞོན་བར་གསུམ་ག་ར་གི་མི་ཚེ་ནང་ལུ་ འབྲེལ་བ་སྦོམ་ཡོདཔ་ཨིན་ལགས། དེ་འབདཝ་ལས་ ནཱ་བུ་ དགའ་བ་ཟེར་མི་འདི་ ག་ཅི་བཟུམ་ཅིག་ལུ་སླབ་ཨིན་ན?  ག་ཨིན་ན?  ག་ལུ་སླབ་ཨིན་ན? ག་ཅི་འབད་སླབ་ཅི་ག?  དེ་ཚུ་ མཁྱེན་འདོད་ཡོད་པ་ཅིན་ སྲུང་རྩོམ་འདི་གཟིགས་ཏེ་བཀའ་དྲིན་བསྐྱང་གནང་ཟེར་ཞུ་ནི་ཨིན།

Write a Review



Customer Reviews (0)

No reviews yet for this book.